ཁྱབ་བསྒྲགས། Rinzin Dema May 21, 2025, 2:52 pm May 21, 2025, 2:52 pm Comments Off on ཁྱབ་བསྒྲགས། རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་གིས་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ཚུ་གི་དོན་ལུ་ ཟློས་གར་གྱི་ནང་ རྒྱལ་ཡོངས་གཙུག་ལག་འོགམ ༼Diploma༽གི་ ཤེས་ཚད་སྦྱོང་བརྡར་གནང་ནི། རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་གིས་ སློབ་རིམ་༡༠ པ་མཐར་མཐར་འཁྱོལ་མི་ཚུ་གི་དོན་ལུ་ ཟློས་གར་གྱི་ནང་ རྒྱལ་ཡོངས་ལག་ཁྱེར་༼National Certificate ༽གི་ ཤེས་ཚད་སྦྱོང་བརྡར་གནང་ནི། གནད་དོན་ ཁ་གསལ་གྱི་དོན་ལུ་ ནང་སྲིད་ལྷན་ཁག་དང་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ ཡོངས་འབྲེལ་འཆར་སྒོ་ནང་གཟིགས་ནི་དང་ དེ མིན་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ གདོང་དེབ་ནང་གཟིགས་གནང་། ཞུ་ཚེས་བཙུགས་ཚེས་ ༣༠/༠༥/༢༠༢༥ ཆུ་ཚོད་ ༥ ནང་འཁོད་ལུ་ ཡོངས་འབྲེལ་ནང་ཡོད་པའི་དྲི་ཤོག་ཚུ་བཀང་ཏེ་ རྒྱལ་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ བདག་སྐྱོང་ལས་རོགསཔ་ ཚེ་རིང་དབྱངས་འཛོམས་ཀྱི་ ཡོངས་འབྲེལ་ཨང་ tyangzom@moha.gov.bt ནང་གཏང་གནང་ནི་ཨིན། འབྲེལ་མཛད་ཨང་ ༡༧༥༢༢༥༧༠ ཕུརཔ་དབང་འདུས། ཚེ་རིང་དབྱངས་འཛོམས། ༡༧༩༥༥༡༣༩། འཛིན་སྐྱོང་པ། click here for detail